故乡热贡-文本歌词

故乡热贡-文本歌词

发行日期:

ཕ་ཡུལ་རེབ་གོང་། ཚིག ཁྱུང་བཟང་།
ཧྲིལ་ཧྲིལ་ས་ཡི་གོ་ལའི་ཤར་གྱི་ཕྱོགས།།
དཀར་དཀར་གངས་རི་ར་བས་བསྐོར་བའི་ལྗོངས།།
ལྷུང་ལྷུང་རྨ་ཀླུང་སྒེག་མོའི་ལྷོ་ཕྱོགས་སུ།།
དུངས་དུངས་སྙིང་གི་ཕ་ཡུལ་རེབ་གོང་ཡོད།།
ཤེས་རིག་པད་མའི་མཛེས་སྡུག་ལ།།
སྒྱུ་རྩལ་རོ་མངར་བཅུད་དུ་སྨིན།།
སྐལ་ལྡན་བུང་བ་དགའ་བའི་རྩེན།།
སྙན་པའི་བསུང་ངད་རླུང་དང་འགྲོགས།།
ལྗང་ལྗང་ནགས་མའི་ཚལ་གྱིས་རི་ལུང་བརྒྱན།།
བསིལ་བསིལ་དགུ་ཀླུང་གཙང་ཆབ་གཞུངནས་འབབ།
།ལེགས་ལེགས་གྲོ་ནས་མགོ་ལྕོག་ལྡེམ་པའི་གར།།
ལྷང་ལྷང་གནག་ཕྱུགས་ངུར་བའི་དབྱངས་ཀྱིས་སྐྱོར།།
ཧྲིལ་ཧྲིལ་ས་ཡི་གོ་ལའི་ཤར་གྱི་ཕྱོགས།།
དཀར་དཀར་གངས་རི་ར་བས་བསྐོར་བའི་ལྗོངས།།
ལྷུང་ལྷུང་རྨ་ཀླུང་སྒེག་མོའི་ལྷོ་ཕྱོགས་སུ།།
དུངས་དུངས་སྙིང་གི་ཕ་ཡུལ་རེབ་གོང་ཡོད།།
ཤེས་རིག་པད་མའི་མཛེས་སྡུག་ལ།།
སྒྱུ་རྩལ་རོ་མངར་བཅུད་དུ་སྨིན།།
སྐལ་ལྡན་བུང་བ་དགའ་བའི་རྩེན།།
སྙན་པའི་བསུང་ངད་རླུང་དང་འགྲོགས།།
ལྗང་ལྗང་ནགས་མའི་ཚལ་གྱིས་རི་ལུང་བརྒྱན།།
བསིལ་བསིལ་དགུ་ཀླུང་གཙང་ཆབ་གཞུངནས་འབབ།
།ལེགས་ལེགས་གྲོ་ནས་མགོ་ལྕོག་པའི་གར།།
ལྷང་ལྷང་གནག་ཕྱུགས་ངུར་བའི་དབྱངས་ཀྱིས་སྐྱོར།།
ལྗང་ལྗང་ནགས་མའི་ཚལ་གྱིས་རི་ལུང་བརྒྱན།།
བསིལ་བསིལ་དགུ་ཀླུང་གཙང་ཆབ་གཞུངནས་འབབ།
།ལེགས་ལེགས་གྲོ་ནས་མགོ་ལྕོག་ལྡེམ་པའི་གར།།
ལྷང་ལྷང་གནག་ཕྱུགས་ངུར་བའི་དབྱངས་ཀྱིས་སྐྱོར།། ཞེས་༜ཡངས་པའི་ལམ༜་དུ་འབོད་པས་གླུ་ཚིག་སྦྱར།