卓玛拉姆-文本歌词

卓玛拉姆-文本歌词

发行日期:

作词 : 平措
作曲 : 平措
སྒྲོལ་མ་ལྷ་མོ།
ཚིག ཕུན་ཚོགས།
གདངས། ཕུན་ཚོགས།
གཞས་པ། ཕུན་ཚོགས།
LRC ཕུན་ཚོགས།
ཆུ་མྱང་ཆུ་གཙང་པོའི་འཁྲིས་ནས།
རོགས་ཆུང་འདྲིས་མཛེས་མ་མཇལ་བྱུང་།
གསུང་སྙན་མོའི་གླུ་ཆུང་ལྷང་ལྷང་།
སྤྱན་མཛེས་པོས་ང་ལ་གཟིགས་བྱུང་།
སྟོན་ཆར་ལ་སིམ་སིམ་འོག་ལ།
ངའི་ལས་འཕྲོའི་མེ་ཏོག་བཞད་བྱུང་།
ནམ་མཇུག་དེ་མ་འཁྱོལ་གོང་ནས།
སད་དང་ལ་སེར་ར་མ་གཏོང་།
ནམ་མཇུག་དེ་མ་འཁྱོལ་གོང་ནས།
སད་དང་ལ་སེར་ར་མ་གཏོང་།
ཨོ་ཧོ་ཡ་ལད་སེ་། བུ་མོ་ལགས།
སྒྲོལ་མ་ལྷ་མོ།
ཨ་ཡ་ལ།
གཏན་དུ་བཞུགས་རོགས་གནང་དང་།
ཨོ་ཧོ་ཡ་ལད་སེ་། བུ་མོ་ལགས།
སྒྲོལ་མ་ལྷ་མོ།
ཨ་ཡ་ལ།
གཏན་དུ་བཞུགས་རོགས་གནང་དང་།
ཆར་པ་དེ་བབས་ན་བབས་ཤོག
འོད་པ་ཁྱོད་རྒྱུགས་ན་རྒྱུགས་ཤོག
ང་དང་ལ་སྒྲོལ་མ་ལྷ་མོར།
ནམ་མཁའི་དཀོན་མཆོག་གིས་གཟིགས་ཡོད།
ང་དང་ལ་སྒྲོལ་མ་ལྷ་མོར།
ནམ་མཁའི་དཀོན་མཆོག་གིས་གཟིགས་ཡོད།

ཚིག ཕུན་ཚོགས།
གདངས། ཕུན་ཚོགས།
གཞས་པ། ཕུན་ཚོགས།
LRC ཕུན་ཚོགས།

ཚེས་བཅོ་ལྔའི་ཟླ་བ་ཤར་དུས།
ངའི་ལས་འཕྲོའི་པད་མ་ལ་རྙིད་སོང་།
གསེར་གཡུ་བྱུར་ང་ལ་མེད་དུས།
རོགས་ཆུང་འདྲིས་གར་སོང་མིན་འདུག
མ་བསླུ་ལ་བསམ་པས་བསླུས་བྱུང་།
རོགས་ཆུང་འདྲིས་མཛེས་མས་བསླུས་བྱུང་།
ཁྱེད་ལུས་ལ་ཚེར་མའི་སྡོང་པོ་དེར།
ཨོ་ལོ་ངས་རེག་པ་སྔ་སོང་།
ཁྱེད་ལུས་ལ་ཚེར་མའི་སྡོང་པོ་དེར།
ཨོ་ལོ་ངས་རེག་པ་སྔ་སོང་།
ཨོ་ཧོ་ཡ་ལད་སེ་། བུ་མོ་ལགས།
སྒྲོལ་མ་ལྷ་མོ།
ཨ་ཡ་ལ།
རྨི་ལམ་ནང་གི་མཛེས་མ།
ཨོ་ཧོ་ཡ་ལད་སེ་། བུ་མོ་ལགས།
སྒྲོལ་མ་ལྷ་མོ།
ཨ་ཡ་ལ།
རྨི་ལམ་ནང་གི་མཛེས་མ།
ཕུ་དེ་ལ་གངས་རི་ཡོད་དུས།
མདའ་ལ་ཆུ་མོ་མ་དྲངས།
ཞིང་ཆུང་ལ་ཐན་པས་འཚིག་དུས།
གངས་རིས་ཐུགས་བསམ་ལ་བཞེས་རོགས།
ཞིང་ཆུང་ལ་ཐན་པས་འཚིག་དུས།
གངས་རིས་ཐུགས་བསམ་ལ་བཞེས་རོགས།
གངས་རིས་ཐུགས་བསམ་ལ་བཞེས་རོགས།
གངས་རིས་ཐུགས་བསམ་ལ་བཞེས་རོགས།