百灵鸟-文本歌词

百灵鸟-文本歌词

发行日期:

作词 : 平措
作曲 : 平措
ང་ཡི་འཇོལ་མོ།
ཚིག ཕུན་ཚོགས།
གདངས། ཕུན་ཚོགས།
གཞས་པ། ཕུན་ཚོགས།
LRC ཕུན་ཚོགས།

ང་ཡི་ཡིད་ཀྱི་འཇོལ་མོ།
ཐག་རིང་ཕྱོགས་ལ་འཕུར་སོང་།
མ་འགྲོ་ཟེར་བའི་གཏམ་དེ།
ཁྱེད་ཀྱི་གསན་པ་ཨེ་བྱུང་།
འཇོལ་མོའི་སྙན་པའི་གསུངས་དབྱངས།
རྣ་བའི་ལམ་ལ་གྲགས་དུས།
ཉམ་ཆུང་སེམས་པའི་རེ་འབོད།
ཁྱེད་ཀྱི་གསན་པ་ཨེ་བྱུང་།

འཇོལ་མོ་ལགས།
ཡིད་ཀྱི་འཇོལ་མོ་ལགས།
ཁྱེད་ཉིད་གང་དུ་བཞུགས་ཡོད།
འཇོལ་མོ་ལགས།
ཡིད་ཀྱི་འཇོལ་མོ་ལགས།
ཁྱེད་ཉིད་གང་དུ་བཞུགས་ཡོད།
ལོ་ངོ་གཅིག་སོང་གཉིས་སོང་སྒུག
ཁྱེད་ཀྱི་གསུངས་ངག་སྙན་མོ་སྒུག
ཉིན་དང་མཚན་མོ་མེད་པར་བསམ།
ཁྱེད་རང་ཡུལ་ལ་ལོག་ན་བསམ།
ཉིན་དང་མཚན་མོ་མེད་པར་བསམ་བྱུང་།
ཁྱེད་རང་ཡུལ་ལ་ལོག་ན་བསམ་བྱུང་།
ཁྱེད་རང་ཡུལ་ལ་ལོག་ན་བསམ་བྱུང་།

ཚིག ཕུན་ཚོགས།

གདངས། ཕུན་ཚོགས།

གཞས་པ། ཕུན་ཚོགས།

LRC ཕུན་ཚོགས།

ང་ཡི་ཡིད་ཀྱི་འཇོལ་མོ།
ས་ཐག་རྒྱང་ལ་ཐད་སོང་།
ཁྱེད་རང་སོང་བའི་ཤུལ་ལ།
བུ་ངས་ལོ་མང་སྒུག་ཡོད།
འཇོལ་མོའི་མཛེས་པའི་གཟུགས་རིས།
ཡིད་ལ་འཁོར་ཐེངས་རེ་རེར།
འདས་སོང་ལོ་ཟླའི་དགའ་སྐྱོ།
རྡོ་ཡི་རི་མོ་འདྲ་བྱུང་།
འཇོལ་མོ་ལགས།
ཡིད་ཀྱི་འཇོལ་མོ་ལགས།
ཁྱེད་ཉིད་གང་དུ་བཞུགས་ཡོད།
འཇོལ་མོ་ལགས།
ཡིད་ཀྱི་འཇོལ་མོ་ལགས།
ཁྱེད་ཉིད་གང་དུ་བཞུགས་ཡོད།
ལོ་ངོ་གཅིག་སོང་གཉིས་སོང་སྒུག
ཁྱེད་ཀྱི་གསུངས་ངག་སྙན་མོ་སྒུག
ཉིན་དང་མཚན་མོ་མེད་པར་བསམ།
ཁྱེད་རང་ཡུལ་ལ་ལོག་ན་བསམ།
ཉིན་དང་མཚན་མོ་མེད་པར་བསམ་བྱུང་།
ཁྱེད་རང་ཡུལ་ལ་ལོག་ན་བསམ་བྱུང་།
ཁྱེད་རང་ཡུལ་ལ་ལོག་ན་བསམ་བྱུང་།
ཁྱེད་རང་ཡུལ་ལ་ལོག་ན་བསམ་བྱུང་།