雅砻三佛三塔-文本歌词

雅砻三佛三塔-文本歌词

发行日期:

作词 : 索朗丹巴
作曲 : 仁青
༺ ཡར་ཀླུང་རྟེན་གསུམ་གནས་གསུམ། ༻
ཚིག བསོད་ནམས་བསྟན་པ།
གདངས། རིན་ཆེན།
གཞས་གཏོང་མཁན། པདྨ་ལྷ་མོ།
ཡུལ་དེ་ཡར་ཀླུང་སྐྱིད་པ།
ལྷ་ཡུལ་ཡིན་ཟེར་ཆོག་ག
སྐུ་ཉིད་གནས་མཇལ་ལ་ཕེབས་ན།
རྟེན་གསུམ་གནས་གསུམ་མཇལ་ཆོག
བྱ་ས་གནས་ཀྱི་སྒོ་མོ།
རྟེན་གཙོ་རྣམ་པར་སྣང་མཛད།
བཙན་ཐང་གཡུ་ཡི་ལྷ་ཁང་།
རྟེན་གཙོ་མཁན་སློབ་ཆོས་གསུམ།
གཞས་ཚིག་སྒྲིག་མཁན། འཕྱོངས་རྒྱས་བསོད་དབང་།
ཁྲ་འབྲུག་སྒྲོལ་མ་ལྷ་ཁང་།
བོད་ཀྱི་ལྷ་ཁང་དང་པོ།
མུ་ཏིག་སྒྲོལ་མ་གསུང་བྱོན།
མ་འོངས་ལུང་བསྟན་གནང་བྱུང་།
རྟག་སྤྱན་མིག་གི་བྱིན་རླབས།
ཚེ་ཆུ་ཚེ་ཡི་བྱིན་རླབས།
ལས་ཀྱི་སྒྲིབ་པ་དག་ན།
དགོན་ཐང་འབུམ་པར་ཕེབས་དང་།
གངས་ལྗོངས་གནས་སྒོའི་ལྡེ་མིག
རས་ཆུང་བཻ་རོ་ཤེལ་བྲག
བྱིན་རླབས་དངོས་གྲུབ་ཞུས་ན།
ཡར་ཀླུང་ཡུལ་དུ་ཕེབས་དང་།
རྟག་སྤྱན་མིག་གི་བྱིན་རླབས།
ཚེ་ཆུ་ཚེ་ཡི་བྱིན་རླབས།
ལས་ཀྱི་སྒྲིབ་པ་དག་ན།
དགོན་ཐང་འབུམ་པར་ཕེབས་དང་།
གངས་ལྗོངས་གནས་སྒོའི་ལྡེ་མིག
རས་ཆུང་བཻ་རོ་ཤེལ་བྲག
བྱིན་རླབས་དངོས་གྲུབ་ཞུས་ན།
ཡར་ཀླུང་ཡུལ་དུ་ཕེབས་དང་།
བྱིན་རླབས་དངོས་གྲུབ་ཞུས་ན།
ཡར་ཀླུང་ཡུལ་དུ་ཕེབས་དང་།