བོད་པ་ཤོམ།
蕃巴秀
ཚིག ཨ་ཁྲི།
作词:阿持
དབྱངས གདུགས་དཀར་ཡག།
作曲:德格叶
ལེན་འཁན ཡོན་ཏན།
演唱:云旦
སྟག་ཤར་ཚེ་རིང་ཁྱོད་གཡས་འཁོར་གཡོན་འཁོར་ནང་ན་རྟ་ཞིག།
རྟ་བརྒྱ་ཞོགས་ནས་ཡོང་ན་སྡེ་བའི་རྒྱན་ཞིག་ཡིན།
སྨན་ཤར་བཟང་མོ་ཁྱོད་གཡས་འཁོར་གཡོན་འཁོར་ནང་ན་འབྲི་ཞིག།
འབྲི་བརྒྱ་རྡང་ལ་བཏགས་ན་སྡེ་བའི་ཉམས་ཤིག་ཡིན།
ཞྭ་མོ་ཚེ་རིང་ལོ་བརྒྱ་ཡིན།
འཕྱོར་ལྭ་དབུས་ཕྲུག་མཐེབ་བརྒྱ་ཡིན།
ཁྲོམ་ཆེན་དཀྱིལ་གྱི་རླུང་རྟ་ཅན་གྱི་སྟག་ཤར་ཁྱོད།
རྒྱབ་ལ་དངུལ་དཀར་དུང་ཆ་བསྟར།
མདུན་ལ་བཞོ་ཟོང་གསེར་དཀྲིས་དཔྱངས།
མོ་བརྒྱའི་དྭངས་རྩེ་བསོད་ནམས་ཅན་གྱི་བུ་མོ་ཁྱོད།
~ ~ ~
ཁྲོམ་ཆེན་སྟག་ཤར་ཁྱོད་གོམ་གསུམ་མདུན་དུ་སྤོས་ན་ཉམས་ཤིག།
ལོ་བརྒྱ་འཁོར་ནས་ཡོང་ན་གཏམ་ཞིག་ངག་ན་ཡོད།
ཁྲོམ་ཆེན་སྨན་ཤར་ཁྱོད་དུང་གི་ཞལ་རས་ངོས་སུ་འཛུམ་ཞིག།
ཕོ་བརྒྱ་གཤིབ་ནས་ཡོང་ན་ལོན་ཞིག་ཅི་སྟར་གནང།
གོམ་ཆེན་གོང་བ་ཟ་འོག་ཡིན།
གྲི་ཆུང་ཡུ་བ་དངུལ་དཀར་ཡིན།
གཡས་འཁོར་ཉམས་དེ་རྒོད་པོ་ཐང་ནས་སོང་འདྲ་ཡིན།
བྱུ་རུའི་སྟེང་གི་ཕྲ་རྒྱན་མཛེས།
པང་ཁེམས་སྟིང་གི་པ་ཏྲ་ཡག།
མཛེས་པའི་ཉམས་དེ་དུང་གི་ཟླ་བ་ཚེས་འདྲ་ཡིན།
~ ~ ~
བྱ་མོ་ཁྱོད་རང་གང་གི་ཕྱོགས་ནས་ཡོང།
རྨ་བྱ་ཁྱོད་གང་གི་ཕྱོགས་ནས་ཡོང་བ་ཡིན།
ཁུ་བྱུག་ཁྱོད་ནི་གང་གི་ཕྱོགས་ནས་ཡོང་བ་ཡིན།
བྱིའུ་ཆུང་ཁྱོད་ནི་གང་གི་ཕྱོགས་ནས་ཡོང་བ་ཡིན།