相见无几时 (cover: 刘紫玲)-文本歌词

相见无几时 (cover: 刘紫玲)-文本歌词

发行日期:

相见无几时

ཁ་ཐག་རིང་སོང་།

ཐུག་འཕྲད་དཀའ་སོང་།

ཉི་མ་ཟླ་བའི་བར་ཐག་མིན་ཡང་།

གཏམ་དང་མྱི་ཁའི་ཉིན་སྲིབ་ཡིན།

ཡང་མིན་ན་མིག་ཆུ་ཁོག་ལ་བཞུར་དགོས།

ཡང་མིན་ན་མྱི་ཁ་གཏོར་ནས་འགྲོ་དགོས།

ཁ་ཐག་རིང་སོང་།

ཐུག་འཕྲད་དཀའ་སོང་།

ལོ་དང་ཟླ་བའི་བར་ཐག་མིན་ཡང་།

བཙན་དང་དབང་གི་ཕྱི་ནང་ཡིན། །

ཡང་མིན་ན་ལས་ལ་མགོ་བོ་བསྒུར་དགོས།

ཡང་མིན་ན་འཚོ་བའི་གདོང་ལ་འབུལ་དགོས།

ཁ་ཐག་རིང་སོང་།

ཐུག་འཕྲད་དཀའ་སོང་།

འདི་དང་ཕྱི་མའི་བར་ཐག་མིན་ཡང་།

ལམ་ཁ་གཉིས་ཀྱི་སྣེ་གཉིས་ཡིན།

ཡང་མིན་ན་རང་གིས་ཕམ་ཁ་འཁུར་དགོས།

ཡང་མིན་ན་གཞན་ལ་ཕོག་ཐུག་བཟོ་དགོས།

ལམ་ཁ་གཉིས་ཀྱི་སྣེ་གཉིས་ཡིན།

ཡང་མིན་ན་རང་གིས་ཕམ་ཁ་འཁུར་དགོས།

ཡང་མིན་ན་གཞན་ལ་ཕོག་ཐུག་བཟོ་དགོས།

未经许可,不得翻唱或使用