ཨ་ཕོ་ཚ་བ་རོང་བ།(拉勒西莫) ཚིག རྨ་འོད། དབྱངས། རྒྱལ་རོང་དམངས་གཞས། ལེན་མཁན།སངས་རྒྱས་ཚེ་རིང་། ཨ་རྒྱུད་གདུང་གི་བསེ་ཁྱུང་དབྲ་བ།། ཨ་རྒོད་དཔའ་རྒོད་ཤོད་ཆེན་བཅོ་བརྒྱད།། ཨ་ཕོ་བཙན་རྫོང་ཚ་བ་རོང་བ།། རི་འགག་ཨ་ལོང་ཆུ་འགག་ཡང་ལོང་།། ལུང་བ་ཨ་འཁྱིལ་་ལུང་འགག་དགའ་འཁྱིལ།། ཨ་ཕོ་འགག་རྫོང་ཚ་བ་རོང་བ། ༼དམངས་གཞས༽ ལུང་པ་ཡག་པོ་ངེད་ཚོའི་ལུང་པ བསཱོ ལུང་ཆུང་ཡག་མོ་ཆོས་ཀྱི་ལུང་ཆུང ལུང་པ་ཕུ་ཡི་མཆོད་རྟེན་ཡག་རེ་ཡག་མོ བསཱོ མཆོད་རྟེན་ཡག་མོ་གསེར་གྱི་མཆོད་རྟེན ལུང་པ་ཡག་པོ་ངེད་ཚོའི་ལུང་པ བསཱོ ལུང་ཆུང་ཡག་མོ་གསེར་གྱི་ལུང་ཆུང ལུང་པ་སྐེ་གྱི་མཆོད་རྟེན་ཡག་རེ་ཡག་མོ བསཱོ མཆོད་རྟེན་ཡག་མོ་དངུལ་གྱི་མཆོད་རྟེན ཆོས་པ་ཨ་གར་ཆོས་རྒྱུད་པད་དཀར།། ཞང་བོད་མཁས་གྲུབ་པད་ཀར་ལྗོན་པ།། ཨ་ཕོ་ཆོས་རྫོང་ཚ་བ་རོང་བ།།